Загрузка страницы

法光佛研所--藏語中級10--14.藏族的手工業

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༡༠
法光佛研所 《藏語中級》10
སློབ་ཚན་བཅུ་བཞི་པ། 第十四課
༼བོད་རིགས་ཀྱི་ལག་ཤེས་བཟོ་ལས།༽《藏族的手工業》

ཀ་པ། རྒན་ཤེས་རབ་རྒྱ་མཚོ་ལགས།
甲:謝饒嘉措老師!
ད་ལྟ་ངས་ཁྱེད་ལ་སྐྱབས་འཇུག་ཞུ་ཡས་ཤིག་ཡོད་ཙང་།
現在我有些事要向您求助,
རྒན་ལགས་ལ་ཁོམ་པ་ཡོད་པས།
所以請問老師有空嗎?
ཁ་པ། དེ་རིང་དུས་ཚོད་ཏོག་ཙམ་ཡོད།
乙:今天有點時間。
ཁྱེད་ལ་ག་རེ་གསུང་ཡས་ཡོད།
您想說些什麼?
ཀ་པ། ང་བོད་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་སྐོར་ལ།
甲:我有些和藏族手工業,相關的問題,
བཀའ་འདྲི་ཞུ་རྒྱུ་ཡོད།
想要請教。
ཁ་པ། འགྲིག་གི་རེད།
乙:可以喔!
ཡིན་ནའི་ཁྱེད་རང་དེ་ལ་གཙོ་བོ་གང་དང་གང་མཁྱེན་འདོད་ཡོད།
但是,您主要想瞭解其中的哪些內容?(須詳答)
ཀ་པ། གཙོ་བོ་རྣམ་གྲངས་གང་དང་གང་ཡོད་རེད།
甲:主要是包含哪些項目?
དེང་སང་དེ་དག་གི་གནས་སྟངས་གང་འདྲ་ཡོད་རེད།
以及近來的情況如何?
ཁ་པ། བྱས་ན་ངས་ཁྱེད་ལ་ངོ་སྤྲོད་སྟབས་བདེ་ཞིག་ཞུས་ཆོག
乙:那麼,我可以向您簡要地介紹一下!
ད་ལྟ་བོད་ལ་མཚོན་ན།
以目前西藏來說的話,
མི་རིགས་རང་ཉིད་ཀྱི་ལག་ཤེས་བཟོ་ལས་ཧ་ཅང་མང་པོ་ཡོད་རེད།
民族自己本身的手工業,十分繁多。
ཡིན་ན་ཡང་ཅུང་གྲགས་ཆེ་བ་དང་།
但是略為著名的,
ཁྱབ་ཆེ་བ་ ༣༠ ལྷག་ཙམ་ཡོད་རེད།
並且較為普遍的,大約有30多種。
ཀ་པ། རྒན་ཤེས་རབ་རྒྱ་མཚོ་ལགས།
甲:謝饒嘉措老師!
དེའི་ནང་ནས་གཙོ་ཆེ་བ་གང་དང་གང་ཡིན།
其中較為主要的是哪些?(須詳答)
ཁ་པ། དེའི་ནང་ནས་ཁ་གདན་དང་། ས་གདན།
乙:其中包含卡墊(坐毯)、地毯、
(ཁ་གདན།卡墊:即藏式坐毯,以羊毛手工織成,一般長約2米,寬約1米,
是寺廟、宮室、民間、帳篷裏不可缺少的用品。)
སྣམ་བུ། པང་གདན། ཉལ་ཆས།
氆氌、邦典(圍裙)、寢具、
(པང་གདན།邦典:或稱圍裙或圍腰,以五顏六色、細橫線條的氆氌縫製而成。
除保暖與裝飾的功能之外,亦是藏族婦女已婚或成年的標誌。)
ཤིང་ཕོར། གསེར་དངུལ་གྱི་རྒྱན་ཆ།
木碗、金銀飾品,
དེ་བཞིན་བཟོ་བཀོད་མཛེས་རྩལ་ཐོན་རྫས།
同樣的,還有工藝美術的產品,
བོད་ཀྱི་ཨར་ལས་བཅས་དེ་ཚོ་གཙོ་གནད་དུ་འཇོག་གི་ཡོད་རེད།
以及西藏土木建築,那些都列為重要的項目。
ཐོན་རྫས་དེ་ཚོ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དངོས་རྫས་ཡིན་ཙང་།
那些產品,都是帶有民族的特色的物品,
ཡུལ་སྐོར་སྤྲོ་འཆམ་གྱི་དྲན་རྟེན་དངོས་རྫས་ཀྱང་བྱེད་ཀྱི་ཡོད་རེད།
因此也能當做,旅遊觀光的紀念品!
ཀ་པ། ཐོན་རྫས་དེ་ཚོ་གཙོ་བོ་གང་ནས་ཐོན་གྱི་ཡོད་རེད།
甲:那些產品,主要是從何處生產呢?
ཁ་པ། སྣམ་བུ་ལ་ཆ་བཞག་ན།
乙:以氆氌為例的話,
(སྣམ་བུ། 氆氌:藏族手工生產的一種毛織品,
用它縫製藏袍、藏帽、藏靴,色彩鮮豔,質地厚實,
是高原上最普遍、最有民族特性的手工藝品。)
བོད་རིགས་ཡོངས་ཁྱབ་ཀྱི་ཁྱིམ་ཚང་གི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རེད།
就是藏族極為普遍的,家庭手工業產品。
ཧ་ལམ་ཁྱིམ་ཚང་མང་ཆེ་བས་སྣམ་བུའི་ཐགས་ལས་བྱེད་ཀྱི་རེད།
絕大多數的家庭,都會從事氆氌的紡織工藝。
ཡིན་ནའི་བྱང་འབྲོག་ས་ཆ་ཁག་ཅིག་ལ།
但是,在藏北部分的牧區裡,
གཙོ་བོ་པགས་རྩག་དར་སོ་ཆེ་བས།
主要盛行的是羊皮襖,
སྣམ་བུ་ལ་དེ་ཙམ་དང་བསྟོད་རང་ཡོད་མ་རེད།
因此對於氆氌,就沒有那麼講究了。
ཀ་པ། བོད་ལ་ད་དུང་ཞྭ་མོ་རིགས་མང་པོ་ཡོད་རེད།
甲:西藏還有很多種類的帽子,
དེའི་ནང་ནས་གྲགས་ཆེ་ཤོས་ཀྱི་ཞྭ་མོ་གང་དང་གང་ཡིན།
其中最為著名的帽子,是哪些呢?(須詳答)
ཁ་པ། བོད་རིགས་ལ་ཞྭ་མོ་རིགས་ཧ་ཅང་མང་པོ་ཡོད་རེད།
乙:在藏族當中,帽子的種類十分繁多。
དཔེར་ན་པགས་ཞྭ་དང་། རས་ཞྭ། ཕྱིང་ཞྭ།
例如:有皮帽、布帽、毛氈帽,
ཀོང་ཞྭ། རྒྱ་གར་ཞྭ་མོ་སོགས་ཡོད་རེད།
以及工布帽、印度帽…等等。
(ཀོང་པོ།工布:相傳為吐蕃王朝所屬的十二小邦之一。
是西藏東部的一個傳統區域,即現今西藏林芝市一帶。
工布藏族,自古就發展出了獨特的地域文化風情。)
དེ་ལ་ཡང་ཡུལ་ལུང་སོ་སོའི་ཁྱད་ཆོས་ཡོད་རེད།
其中也都各自具有,鮮明的地方色彩!
ཀ་པ། ཐུགས་རྗེ་ཆེ།
甲:萬分感謝!
ཁྱེད་རང་གི་དུས་ཚོད་འཕྲོ་བརླག་བཏང་སོང་།
浪費您的寶貴時間了。
ཁ་པ། གང་ཡང་གནང་གི་མ་རེད།
乙:沒關係,
རྗེས་སུ་མཇལ་ཡོང་།
以後再見喔!

Видео 法光佛研所--藏語中級10--14.藏族的手工業 канала 阿蘭荏芊堪卓
Показать
Комментарии отсутствуют
Введите заголовок:

Введите адрес ссылки:

Введите адрес видео с YouTube:

Зарегистрируйтесь или войдите с
Информация о видео
11 июня 2023 г. 11:17:16
00:04:47
Яндекс.Метрика