Загрузка страницы

༄༅། །སྐྱབས་རྫེ་རྡོ་གྲུབ་རིན་པོ་ཆེའི་ཞབས་བརྟན་བཞུགས་སོ། །

༄༅། །སྐྱབས་རྫེ་རྡོ་གྲུབ་རིན་པོ་ཆེའི་ཞབས་བརྟན་བཞུགས་སོ། །

།ཐུབ་དབང་མཚོ་སྐྱེས་རྡོ་རྫེ་ཡི།།བསྟན་པ་འཛིན་པའི་སྐྱེས་བུ་རྣམས།།མགོན་པོ་ཚེ་མཐར་ཡས་པ་ལྟར། །མི་ཤིགས་རྡོ་རྫེའི་རང་བཞིན་ཅན། །མཚན་དཔེས་བརྒྱན་པའི་སྐུའི་དཀྱིལ་འཁོར། །མི་འཇིགས་སེང་ཁྲིར་བཞུགས་སུ་གསོལ། །ཟབ་གསང་བདུད་རྩིའི་གྲུ་ཆར་གྱིས།།རང་གཞན་སྨིན་པར་མཛད་ནས་ཀྱང་།།རིམ་གཉིས་ལམ་ལ་རབ་བཞུགས་ནས། །མཐར་ཐུག་སྐུ་བཞིའི་འབྲས་བུ་ཆེ། །མངོན་གྱུར་གདོད་མའི་སར་ཕྱིན་ནས། །དོན་གཉིས་ཕྲིན་ལས་དམ་པ་ཡིས། །སྲིད་མཚོའི་འཁོར་བ་གདོང་སྤྲུགས་ནས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག།

༈ བསླུ་མེད་སྐྱབས་གནས་རྒྱ་མཚོའི་བྱིན་མཐུ་ཡིས།།འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་འབར་གྱི།།ཞབས་པད་མི་ཤིགས་བསྐལ་བརྒྱར་རབ་བརྟན་ནས།།རླབས་ཆེན་བསྟན་འགྲོའི་བཞེད་དོན་མཐར་ཕྱིན་ཤོག།

།ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ།།བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་།།མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར།།བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག།

Video CopyRight Ⓒ GBoW

~GBoW Admins

Видео ༄༅། །སྐྱབས་རྫེ་རྡོ་གྲུབ་རིན་པོ་ཆེའི་ཞབས་བརྟན་བཞུགས་སོ། ། канала Great Beings of the World
Показать
Комментарии отсутствуют
Введите заголовок:

Введите адрес ссылки:

Введите адрес видео с YouTube:

Зарегистрируйтесь или войдите с
Информация о видео
6 февраля 2020 г. 10:13:21
00:06:05
Яндекс.Метрика