Загрузка страницы

རྟགས་འཇུག tk juk 43

རྟགས་འཇུག
༄༅། །སེར་ལྷོ་ཁང་ཚན་གྱི་སློབ་གཉེར་བ་འབྲི་རུ་སྐལ་བཟང་ཤཱཀྱས་བོད་གཞིས་བྱེས་གཉིས་ཀྱི་ནང་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་ཐུགས་སྣང་གནང་མཁན་རྣམས་ལ་དམིགས་ཏེ། མ་བསྐུལ་དང་བླངས་ཀྱི་ཐོག་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་བརྡ་སྤྲོད་ཀྱི་གཞུང་། སུམ་ཅུ་པ་དང་ལེགས་བཤད་ལྗོན་དབང་གཉིས་ཟུང་འབྲེལ་དང་རྟགས་འཇུག་དང་དཀའ་གནད་གསར་བའི་མེ་ལོང་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཤད་ཁྲིད་གནང་བའི་གཟུགས་མཐོང་བརྙན་སྡེར་ནང་ལ་ཚང་མས་གཟིགས་པ་ཞིག་བྱུང་ན་དགེ་མཚན་ཆེ་བ་མཐོང་ནས། ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་སེར་ལྷོ་དགེ་བཤེས་སྐལ་བཟང་ཨེ་ལགས་སམ་སྐལ་བཟང་ལྷུན་འགྲུབ་མཆོག་ལ། དེ་ལྟར་བཤད་ཁྲིད་ཅིག་གནང་རོགས་ཞེས་གསོལ་བ་བཏབ་པ་བཞིན་རྒན་ལགས་ཀྱིས་ཞལ་བཞེས་ལེགས་པར་ཐོབ་ནས་ལོ་ཤས་སྔོན་དུ་སུམ་ཅུ་པའི་བརྙན་ཞིག་གྲུབ་ཟིན་ན་ཡང་།
རྒན་ལགས་མཛད་འཕྲིན་ཧ་ཅང་མང་བའི་རྐྱེན་གྱིས་རྟགས་འཇུག་གི་བཤད་ཁྲིད་གནང་བའི་གོ་སྐབས་དེ་ད་ལོ་༢༠༡༥ བར་མ་བྱུང་བས། འདི་ལོར་སླར་ཡང་རྒན་ལགས་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་ལེགས་པར་ཐོབ་ནས་རྟགས་འཇུག་གི་རྩ་བ་དང་དཀའ་གནད་གསལ་བའི་མེ་ལོང་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཤད་ཁྲིད་གནང་བའི་བརྙན་ཕབ་ཕྱོགས་བསྒྲིགས་ཞུས་པའོ།། །།

Видео རྟགས་འཇུག tk juk 43 канала voice of kharnang
Показать
Комментарии отсутствуют
Введите заголовок:

Введите адрес ссылки:

Введите адрес видео с YouTube:

Зарегистрируйтесь или войдите с
Информация о видео
3 июля 2016 г. 15:34:36
00:12:11
Яндекс.Метрика