Загрузка страницы

Chamgon Tai Situpa | Sonam Topden | Tenzin Kunsel | Official Music Video

ཐུགས་རྗེ་ཆེ་ཞུ།

གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་གཙོ་བོ་མཁན་པོ་ཚེ་རིང་དཔལ་ལྡན།
རྒན་ཚེ་རིང་འགྱུར་མེད།
གཞས་པ་བསོད་ནམས་སྟོབས་ལྡན།
གཞས་མ་བསྟན་འཛིན་ཀུན་གསལ།
པར་པ་སྟག་ལྷ།
པར་པ་ཕུལ་བྱུང།
བདེ་སྐྱོང། གཞན་ཡང་བུ་གཅིག(མིང་མ་དྲན)

༄༅།།བྱམས་མགོན་ཏཱ་ཡི་སི་ཏུ་པ།

དགའ་ལྡན་ཞིང་དུ་རྒྱལ་ཚབ་བྱམས་པ་མགོན།།
འཕགས་པའི་ཡུལ་དུ་ཌམྦྷི་ཧེ་རུ་ཀ །
ཁ་བའི་ལྗོངས་སུ་དགྱེས་མཛད་ལྷོ་བྲག་པ།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
འབྲི་ཀླུང་དལ་བུར་འབབ་པའི་ཉེ་འགྲམ་ན།།
དཔལ་འཛོམས་རྡོ་རྗེ་དགྲ་འདུལ་སྤྱན་སྔ་རུ།།
སྐུ་ཡི་མཚན་དཔེ་ལི་ཡུལ་ཚང་ལ་བཞད།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
རིགས་ཀུན་ཁྱབ་བདག་རིག་པའི་རྡོ་རྗེ་ཡིས།།
ཟག་མེད་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལས།།
བཀའ་བརྒྱུད་གསེར་གྱི་འཕྲེང་བར་མངའ་གསོལ་བ།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར།།
དུས་འགྱུར་དབང་གིས་བོད་ཡུལ་དབུས་ནས་ཐོན།།
འབྲུག་ཡུལ་ནས་རྒྱུད་འབྲས་མོ་ལྗོངས་སུ་ཕེབས།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
རྒྱལ་མཆོག་བཅུ་དྲུག་རིག་པའི་རྡོ་རྗེའི་མདུན།།
སོ་བྱང་སྔགས་ཀྱི་སྡོམ་པ་ཡོངས་བཞེས་ནས།།
མིག་གི་འབྲས་དང་སྲོག་ལྟར་གཅེས་པར་བསྲུང་།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
མདོ་སྔགས་ཆོས་ཚུལ་རྒྱ་མཚོར་ལེགས་སྦྱངས་ཏེ།།
མཁས་བཙུན་བཟང་པོའི་རྣམ་ཐར་སྐྱོང་བ་དང་།།
བསྟན་འགྲོའི་མཛད་བཟང་སྤེལ་ལ་ཟླ་བྲལ་བ།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
རྒྱ་གར་བྱང་ཕྱོགས་གངས་རིའི་མར་གཤམ་ན།།
ཨ་གར་སྒྲོན་ཤིང་མཛེས་པའི་ནགས་ཀླུང་ན།།
དཔལ་སྤུངས་ཤེས་རབ་གླིང་ཞེས་གདན་ས་བཏབ།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
འདུས་བྱས་ཐམས་ཅད་སྒྱུ་མར་སྟོན་པའི་ཟླར།།
རིག་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་གཤེགས།།
གདུང་མཆོད་མེ་ལས་ཐུགས་དམར་ཕྱག་ཏུ་ཕེབས།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།
རིག་པའི་རྡོ་རྗེས་འདའ་ཁའི་ཞལ་ཆེམས་གནང།།
རྒྱལ་མཆོག་བཅུ་བདུན་གསེར་ཁྲིར་མངའ་གསོལ་ཞུས།།
དྭགས་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས།།
པདྨ་དོན་ཡོད་ཉིན་བྱེད་མཆོག་ལ་འདུད།།

དཔལ་སྤུངས་ཤེས་རབ་གླིང་གི་གྲྭ་ཟུར་ཐུན་མོང་ནས་འདུན་པ་གཅིག་དང་དབྱངས་གཅིག་གིས་སེམས་ནང་གི་བླ་མ་བྱམས་མགོན་རྡོ་རྗེ་འཆང་མཆོག་དགུང་གྲངས་དྲུག་ཅུ་རེ་ལྔར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་བསུ་བ་དང་ཆབས་ཅིག མགོན་པོ་གང་ཉིད་ཀྱི་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་ཅིང་བསྟན་འགྲོའི་མཛད་འཕྲིན་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བའི་རྟེན་འབྲེལ་གྱི་མཛད་སྒོ་བརྟན་བཞུགས་རིན་པོ་ཆེ་བསྟར་འབུལ་ཞུ་བའི་ཉིན་མོར། གྲྭ་ཟུར་ལྷན་རྒྱས་ནས་རྩ་བའི་བླ་མ་བྱམས་མགོན་རྡོ་རྗེ་འཆང་མཆོག་ལ་འབུལ་བའི་བསྟོད་གླུ་རྣམ་ཐར་གྱི་འགྲོས་དང་བསྡེབས་པ་འདི་ཉིད་སྐུ་ཡི་གཅུང་པོ་ཨོ་རྒྱན་བསྟན་འཛིན་ནས་ཡི་གེར་བཀོད་པའོ།།

WWW.TENZINKUNSEL.COM
https://www.facebook.com/TenzinKunselOfficial/
https://www.instagram.com/tenzinkunselofficial/

Видео Chamgon Tai Situpa | Sonam Topden | Tenzin Kunsel | Official Music Video канала Tenzin Kunsel
Показать
Комментарии отсутствуют
Введите заголовок:

Введите адрес ссылки:

Введите адрес видео с YouTube:

Зарегистрируйтесь или войдите с
Информация о видео
10 ноября 2018 г. 18:24:25
00:08:40
Яндекс.Метрика